༼མཚུངས་མེད་དྲིན་གྱི་བདག་པོ།༽小新星旦增旺姆单曲《无可比拟的恩》 - ag官方网站

༼མཚུངས་མེད་དྲིན་གྱི་བདག་པོ།༽小新星旦增旺姆单曲《无可比拟的恩》

བོད་ཀྱི་རོལ་དབྱངས་ནི་གཙོ་བོ་རྒྱ་ཆེ་བའི་བོད་རིགས་རོལ་དབྱངས་ལ་དུང་བ་ཡོད་པ་དག་ལ་སྤུས་ལེགས་པའི་རོལ་དབྱངས་ཞབས་ཞུ་འདོན་སྤྲོད་དང་། དུས་ཐོག་ཏུ་གསན་མཁན་ལྷན་རྒྱས་ཀྱི་བོད་ཀྱི་རོལ་དབྱངས་ཐད་ལ་བླང་བྱ་གང་ཡོད་བསྐང་ཕྱིར། གང་ས་གང་ནས་གསན་མཁན་ལྷན་རྒྱས་དང་མཉམ་སྐུལ་དང་། གྲོས་གཞི་གང་ལེགས་ཧུར་ལེན་བགྱིས་ཏེ། རིམ་གྱིས་རང་སྟེང་གི་ཞན་ཆ་འཐུས་ཚང་དུ་གཏོང་རྒྱུ་ལགས་སོ།།

藏族音乐主要是为广大的藏族音乐爱好者提供品质优良的音乐服务,及时满足听众在藏族音乐方面的要求,随时随地与听众互动,积极采纳良好建议。逐步完善自身不足。

མཚུངས་མེད་དྲིན་གྱི་བདག་པོ།

ཚིག་རྩོམ་མཁན། ལྡོང་རུ་རྨུ་ཐག

དབྱངས་རྩོམ་མཁན། གསང་བདག

གཞས་གཏོང་མཁན། བསྟན་འཛིན་དབང་མོ།

དྲིན་ཆེན་ཡ། དྲིན་ཆེན།

ཚེ་སྲོག་གི་བདག་པོ།

འཇིག་རྟེན་མི་ཡུལ་ཁམས་ནས།།

བཀའ་དྲིན་གཞལ་མཐའ་བྲལ་བ།།

གསུང་ཚིག་རེ་རེའི་ནང་ན།།

སྤྱོད་བཟང་ལམ་སྟོན་རེ་རེ།།

གཞུང་རྒྱུད་དྲང་བའི་ལམ་སྟོན་ལགས།

ཨ་ཧ། ང་ཡི་ཕ་མ།

འཚོ་བའི་གྲུ་ཟུར་རེ་རེ་ནས།

དྲིན་ལ་དྲིན་མཐའ་མེད།

ཨ་ཧ། ང་ཡི་ཕ་མ།

ང་ཕ་མར་དཔྲལ་བའི་མིག་འདང་ཡོད།

དྲིན་ཆེན་ཡ། དྲིན་ཆེན། 

ལམ་སྟོན་གྱི་སྒྲོན་མེ།

འཇིག་རྟེན་མུན་པའི་ཀློང་ནས།།

བཀའ་དྲིན་མ་ལས་ལྷག་པ།།

ཞལ་ཏ་རེ་རེའི་ནང་ན།།

འོད་ཀྱི་སྒྲོན་མེ་རེ་རེ།།

རྨོངས་མུན་སེལ་བའི་སྒྲོན་མེ་ལགས།

ཨ་ཧ། ང་ཡི་དགེ་རྒན།

བློ་ཡི་གཤོག་པ་རྐྱོང་ས་ནས།

དྲིན་ལ་དྲིན་མཐའ་མེད།

ཨ་ཧ། ང་ཡི་དགེ་རྒན།

ང་དགེན་ལ་ཕ་འདང་མ་འདང་ཡོད།

དྲིན་ཆེན་ཡ། དྲིན་ཆེན།

རིགས་དྲུག་གི་བདག་པོ།

ཁྲ་ཁྲའི་སྤྱི་ཚོགས་སྟེང་ནས།།

འོས་འགན་ཁུར་དུ་བཞེས་པ།།

མཛད་རྗེས་རེ་རེའི་ནང་ན།།

བྱམས་བརྩེའི་འོད་ཕུང་རེ་རེ།།

ཐར་ལམ་སྟོན་པའི་འོད་ཕུང་ལགས།

ཨ་ཧ། ང་ཡི་སྐྱབས་གནས།

ལས་དང་རྒྱུ་འབྲས་སྲུང་ས་ནས།

དྲིན་ལ་དྲིན་མཐའ་མེད།

ཨ་ཧ། ང་ཡི་སྐྱབས་གནས།

ང་མགོན་ལ་དད་པ་གཙང་མ་ཡོད།

免责声明:本文仅代表文章作者的个人观点,与本站无关。其原创性、真实性以及文中陈述文字和内容未经本站证实,对本文以及其中全部或者部分内容文字的真实性、完整性和原创性本站不作任何保证或承诺,请读者仅作参考,并自行核实相关内容。

http://image99.pinlue.com/thumb/img_jpg/AMic3ZXYPslPVDnGHM0WgibwgC8M0Gw4iapJicYMicYRZlVkHqdowk6licsoKf1KggjP4yqkfPqqdHJlETyDZ72RBfAw/0.jpeg
我要收藏
赞一个
踩一下
分享到

分享
评论
首页